среда, 26 июня 2013 г.
Сказка «Как осёл у собаки учился» བོང་བུས་ཁྱི་ལ་སློབ་སྦྱོང་བྱེད་པ།
མི་ཞིག་གིས་བོང་བུ་གཅིག་དང་ཁྱི་གཅིག་གསོས་ཡོད་ཅིང་། བོང་བུ་ནི་ཁང་པའི་ཕྱིའི་བོང་ཚང་ནང་དུ་
བཅུག་གི་ཡོད་པ་དང་ཁྱི་ནི་སྦྱིན་བདག་དང་མཉམ་དུ་ཁང་པ་གཅིག་གི་ནང་དུ་སྡོད་ཀྱི་ཡོད། ཁྱི་ནི་ནང་ཚང་གི་གཅེས་ཁྱི་ཡིན་པ་དང་ཁྱིས་མིའི་དགའ་གཅེས་ཐོབ་པ་བྱེད་ཐུབ་པས་སྦྱིན་བདག་གིས་
རྟག་ཏུ་ཟས་ཞིམ་པོ་སྟེར་སྟབས་ཁྱིས་དགའ་པོའི་ངང་མཇུག་མ་དབྱུག་དབྱུག་བྱེད་པ་དང་སྦྱིན་བདག་གི་
རྐང་པར་འཁྲིས་བཞིན་སྐད་རྒྱག་པ་དང་མཆོངས་རྒྱག་རྒྱག་གི་ཡོད་སྟབས་སྦྱིན་བདག་དགའ་ནས་
དགོད་འཚེར་འཚེར་ཡོང་བ་བྱེད་ཐུབ། མཚམས་རེ་སྦྱིན་བདག་གིས་ཁོ་པང་དུ་ཉར་ནས་མགོ་ལ་བྱིལ་བྱིལ་བྱེད་པ་དང་ལུས་ཀྱི་སྤུ་རྣམས་ཤད་
ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། བོང་ཚང་ནང་དུ་ཡོད་པའི་བོང་བུས་སྣང་ཚུལ་དེ་དག་མཐོང་
སྐབས་སེམས་སྐྱིད་པོ་མེད་པ་རེད། བོང་བུའི་བསམ་པར་ “ཧེ། ཁོས་ཉིན་ལྟར་ལས་གང་ཡང་ མ་བྱས་པར་སྐད་རྒྱག་ཙམ་རྒྱག་ཙམ་དང་འཕག་མཆོངས་རྒྱག་ཙམ་ལས་མི་བྱེད་པར་ལྟོ་ཞིམ་པ་ཁོར་
སྟེར་བ་དང་ད་དུང་སྦྱིན་བདག་གིས་པང་དུ་ཉར་ནས་སྡོད་ཀྱི་འདུག ངས་རང་འཐག་འཐེན་པ་དང་། དབོར་འདྲེན་བྱེད་ཀྱི་ཡོད་ཀྱང་ཟ་ཡས་ནི་གཟན་དང་གྲོ་ཙམ་ཡིན་པ་མ་ཟད། ད་དུང་སྦྱིན་བདག་གིས་
ང་ལ་ཚིག་སྙན་ཚིག་གཅིག་ཀྱང་བཤད་པ་ཐོས་མྱོང་མེད། དངོས་གནས་དྲང་པོ་ མི་འདུག ” བསམས་སོ། དོ་མཉམ་མེད་པའི་བསམ་པ་དེ་ཤུགས་ཇེ་ཆེར་སོང་ནས་ཉིན་ཞིག་བོང་བུར་ཡ་མཚན་
གྱི་བསམ་པ་ཞིག་བྱུང་སྟེ་ཁྱིའི་བྱེད་སྟངས་ལ་སློབ་སྦྱོང་བྱེད་རྒྱུའི་ཐག་གཅོད་བྱས།
ཉིན་ཤས་སོང་རྗེས་སྦྱིན་བདག་ཧོལ་རྒྱུག་དུ་སོང་ནས་བོང་ཚང་རྒྱག་རྒྱུ་བརྗེད་སྟབས་ཁོ་ལ་གོ་སྐབས་
ཤིག་ཐོབ།
བོང་བུས་མར་དོན་ནས་སྦྱིན་བདག་གི་ཁང་པའི་ནང་དུ་འཛུལ་ཞིང་། བོང་བུ་ནི་སྦྱིན་
བདག་གི་ཁང་པའི་ནང་གཏན་ནས་ཡོང་མྱོང་མེད་སྟབས་སྦྱིན་བདག་ཞེད་ཐག་ཆོད་ནས་ཁ་ཆེན་གདང་
སྟེ་སྐད་ཆ་ཚིག་གཅིག་ཀྱང་ཤོད་ མི་ཐུབ་པར་གྱུར།
བོང་བུས་ལམ་སེང་ཤུགས་གང་ཡོད་བརྒྱབ་ནས་མཇུག་མ་དབྱུག་དབྱུག་བྱེད་བཞིན་པར་སྦྱིན་བདག་
གི་ཕྱོགས་སུ་སོང་བས་་་སིང་་་ཞེས་པའི་སྒྲ་དང་བཅས་སྒྲོག་ཙེའི་སྟེང་གི་ཇ་དཀར་མཇུགས་མས་
དབྱུགས་ནས་བཅག་པ་མ་ཟད། བོང་བུས་སྦྱིན་བདག་གི་འགྲམ་དུ་བཅར་ནས་ཁྱིའི་འཕག་མཆོངས་
རྒྱག་སྟངས་ལ་ལད་མོ་བྱེད་བཞིན་པར་སྦྱིན་བདག་ལ་སྐོར་བཞིན་འཕག་མཆོངས་གང་བྱུང་དུ་བརྒྱབ་
པ་དང་། ད་དུང་ལྕེ་བསྣར་ནས་ སྦྱིན་བདག་གི་ལག་ལ་ལྕེ་ལྡག་བརྒྱབ་ནས་སྦྱིན་བདག་དགའ་ནས་
གད་མོ་ཧ་ཧ་དགོད་པའི་རེ་བ་བྱས། དེ་ལྟར་བྱས་མཐར་སྒྲོག་ཙེ་དང་མེ་ཏོག་བུམ་པ་བསློགས་ནས་ཆག་པ་མ་ཟད། སྦྱིན་བདག་ལའང་
རྡོག་རྒྱག་ཐེངས་ནས་ས་ཐོག་ཏུ་འགྱེལ་ནའང་བོང་བུས་ད་དུང་སྦྱིན་བདག་གི་ལུས་སྟེང་དུ་འཛེགས་
ནས་གླགས་ཡུས་ཤོད་རྩིས་བྱས། ནང་མི་ཚོས་དེ་ཚོའི་སྒྲ་ཐོས་འཕྲལ་མར་ལྟ་བར་ཡོང་ནས་བོང་བུ་བོང་ཚང་ནང་དུ་ཡར་བཅུག
སྦྱིན་བདག་ཁོང་ཁྲོ་ཟ་ནས་ལམ་སེང་བོང་ཚང་ནང་དུ་སོང་ནས་ལྕག་ཚན་འཕྱར་བཞིན་ལེགས་པར་
བརྡུངས།
བོང་བུས་བོང་བུ་དང་ཁྱིའི་དབར་གྱི་ཁྱད་ཆོས་མི་འདྲ་བ་དེ་མ་ཤེས་སྟབས་གྱོང་རག་པ་རེད། དོན་དངོས་
ཐོག་མི་དང་མིའི་དབར་ལའང་དེ་ལྟར་ཡིན་པས་ཆོག་ཤེས་མེད་པར་བཟང་ལད་ངན་འགྱུར་བྱེད་པ་ནི་
གླེན་ལྐུགས་ཀྱི་སྤྱོད་ཚུལ་རང་རེད། དེས་མ་ཟད་རྟག་ཏུ་གོ་ལྡོག་གི་འབྲས་བུ་ཐོན་ལ་ཐ་ན་གྱོང་གུན་ཡང་རག་གི་རེད།
Перевод,
приближенный к тибетскому тексту.
У одного человека
жили осел и собака. Что касается осла –
он жил в хлеву снаружи дома. А собака жила в одном доме
вместе с хозяином. Пес был любимцем домочадцев и, поскольку у него была
возможность добиться человеческой любви и заботы, хозяин всегда давал ему
вкусную еду, а пес с радостным видом махал хвостом и крутился у ног хозяина,
потявкивал и подпрыгивал, а хозяин радостно смеялся.
Иногда хозяин, взяв его на руки, гладил по голове,
расчесывал шерсть, и вообще очень любил его.
Когда осел, который находился в хлеву, видел это
зрелище, чувствовал себя несчастным. Ослик думал: «Эх. Он каждый день не делает
никакой работы, только тявкает и тявкает, скачет и скачет, а кроме ничего не
делает. Ему дают вкусную еду, да еще хозяин сидит, взяв его на руки. Хотя я
тяну мельничный жернов, таскаю грузы, моя пища– трава и мука, да к тому же я никогда
не слышал, чтобы хозяин сказал мне хоть одно ласковое слово. Действительно
нечестно». Думы об этом неравенстве становились все сильнее, и однажды ослику
пришла в голову странная мысль: и он решил учиться у собаки ее поведению.
По прошествии нескольких дней хозяин, не придав этому
значения, забыл закрыть хлев, и ослу представился шанс. Осел вышел наружу и
зашел в дом хозяина. Поскольку осел никогда не заходил внутрь хозяйского дома,
хозяин, действительно испугавшись,
широко раскрыл рот и не смог выкрикнуть ни слова. Осел сразу замахал изо
всех сил хвостом, двинулся в сторону хозяина, и со звуком «звяк» разбилась
чашка, которую он смахнул хвостом со стола. Кроме того, осел, оказавшись рядом
с хозяином, подражая прыжкам собаки, стал как попало скакать вокруг. Еще
высунул язык и, облизав руки хозяина, надеялся, что хозяин будет радостно
смеяться.
Делая так, в конце концов, опрокинув стол, разбил вазу с цветами. Кроме того, случайно
лягнул хозяина, а когда хозяин упал
на землю, осел, забравшись на него,
собирался к нему ластиться.
Услышав шум, домашние быстро прибежали и, увидев все это, отвели осла в хлев.
Хозяин, сильно рассердившись, сразу же пошел в хлев и, взмахнув плетью, хорошенечко
отлупил осла.
Осел понес потерю, не понимая разницу между
ослом и собакой. В действительности,
люди также разнятся, и неумеренно повторяя за кем–то хорошее, делаем это
дурным. Это глупое поведение.
К тому же таким поведением всегда достигается
противоположный результат, вплоть до серьезных потерь.
«Новый буддийский храм в Элисте» ཨེ་ལི་སི་ཏཱ་གི་ནང་པའི་དགོན་པ་གསར་པ།
ཨེ་ལི་སི་ཏཱ་གི་ནང་པའི་དགོན་པ་གསར་པ་དེ་ན་ནིང་གི་སྟོན་ཁར་སྒོ་འབྱེད་བྱས་པ་རེད་འདུག
དགོན་པ་དེ་ཧ་ཅང་གི་མཛེས་པོ་དང་བཀོད་པ་ལེགས་པ། འཁོར་ཡུག་གཙང་བ། དགོན་པའི་ཕྱོགས་བཞིར་མ་ཎི་ལག་འཁོར་ཆེན་པོ་བཞི་དང་ནང་པའི་པན་དྲུག་བཅུ་བདུན་ཞེས་པའི་
སྐུ་འདྲ་མི་འདྲ་བ་ཁག་བཅུ་བདུན་ཡོད་པ་མ་ཟད་དགོན་པའི་མཐའ་འཁོར་ལ་མ་ཎི་ལག་འཁོར་ཆུང་བ་
བརྒྱ་དང་བརྒྱད་ཡོད་པ།
དགོན་པའི་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་དུ་བརྒྱ་དང་བརྒྱད་ཡོད་པ།
དགོན་པའི་ཕྱོགས་བཞི་ལ་ད་དུང་དྭངས་གཙང་གི་ཆུ་བོ་བབས་པ་སོགས་ཧ་ཅང་གི་འཛིག་པོ་འདུག དགོན་པ་དེ་དང་དགོན་པ་དེའི་ནང་གི་རྟེན་གཙོ་གཙོ་བོ་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙན་དེ་ནི་ནུབ་ཕྱོགས་
རྒྱལ་ཁབ་ནང་གི་ནང་པའི་དགོན་པ་ཆེ་ཤོས་དང་རྟེན་གཙོ་ཆེ་ཤོས་སུ་གྲགས།
དགོན་པ་དེར་ཐོག་བརྩེགས་བདུན་ཡོད་པ་དང་། ཐོག་བརྩེཌ་དང་པོར་དཔེ་མཛོད་ཁང་དང་། འགྲེམ་སྟོན་ ཁང་། གསུངས་ཆོས་ཚོགས་ཁང་། ཐབ་ཚང་། གློག་ཀླད་འདྲ་རྒྱ་ཁང་སོགས་ཡོད་པ་དང་། ཐོགས་བརྩེཊ་གཉིས་པར་དགོན་པའི་རྟེན་གཙོ་གཙོ་བོ་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙན་དང་འདུ་ཁང་
ཐོག་བརྩེཊ་གསུམ་པར་ཞབས་བརྟེན་ཁང་དང་། དགོན་པའི་ལས་བྱེད་ཀྱི་ལས་ཁུངས་དང་། ངལ་གསོ་ཁང་སོགས་ཡོད་པ།
ཐོག་བརྩེགས་བཞི་པར་རིན་པོ་ཆེ་དང་མཁན་པོ་སོགས་ཀྱི་ལས་ཁུང་ཡོད། ཐོག་བརྩེགས་ལྔ་པར་རྒྱལ་བའི་གཟིམ་ཆུང་དང་གསོལ་སྒྲོལ་ཁང་ཡོད་པ།
ཐོག་བརྩེགས་དྲུག་པར་སྒོམ་ཁང་ཡོད་པ། ཐོག་བརྩེགས་བདུན་པར་རབ་གསལ་སྤྲོ་སྐྱིད་ཁང་སོགས་ཡོད་པ་རེད།
འདུ་ཁང་ནང་གི་རྟེན་གཙོ་གཙོ་བོ་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙེན་གྱི་གཡས་གཡོན་ཕྱོགས་བཞི་ཐམས་
ཅད་ལ་བོད་པའི་ལྷ་བཟོ་བའམ་རི་མོ་བ་རྣམས་ཀྱིས་བྲིས་པའི་ལྡེབས་རིས་སྐུ་འདྲ་མང་པོ་བཞེངས་ ཡོད་པ་བཅས་དགོན་པའི་གནས་བཤད་མདོར་བསྡུས་འདི་ལྟར་རོ།
Новый элистинский буддийский храм открылся осенью прошлого года.
Этот храм очень красивый и хорошо спланирован. Вокруг чисто, с четырех
сторон храма находятся четыре больших молитвенных колеса, семнадцать разных
статуй буддийских пандитов. Кроме того,
у стен храма находится сто восемь меньших молитвенных колес.
Над забором храма находится
108 маленьких ступ. Также по четырем сторонам храма очень красивые водопады с прозрачной
чистой водой. Этот храм и находящаяся в храме главная статуя Будды Шакьямуни известны как самый большой храм и
самая большая статуя в Европе.
В храме семь этажей. На первом этаже находятся библиотека, музей,
конференц-зал, кухня, интернет-зал.
На втором этаже находится главная статуя Будды Шакьямуни и зал собрания.
На третьем этаже находятся ритуальные комнаты лам, офисы служащих храма и комната отдыха. На четвертом этаже офисы Ринпоче и Кхенпо.
На пятом этаже находится комната и столовая для Далай–ламы, на шестом
этаже комната медитации и на седьмом этаже комната с прозрачными стенами для Далай–ламы.
В зале собраний со всех четырех сторон вокруг главной статуи Будды Шакьямуни делается много
фресок фигур, которые рисуют тибетские художники. Таково сжатое описание храма.
Дровосек и водная богиня ཤིང་མཁན་དང་ཆུའི་ལྷ་མོ།
ཤིང་མཁན་དང་ཆུའི་ལྷ་མོ།
སྔོན་གཙང་ཆུ་ཞིག་གི་འགྲམ་དུ་ཤིང་མཁན་དབུལ་པོ་ཞིག་སྡོད་པ་རེད། ཁོས་ཉིན་ལྟར་ཤིང་ བཙོང་ནས་མི་ཚེ་སྐྱེལ་བ་རེད། ཉིན་གཅིག་ཤིང་གཅོད་པའི་སྐབས་ཁོའི་སྟ་རེ་དེ་ཆུའི་ནང་ ཟགས་པ་རེད། སེམས་སྐྱོ་ཐག་ཆོད་ནས་ངུ་གིན་སྡོད་པའི་སྐབས། ཆུའི་ལྷ་མོ་ཞིག་དེར་ཕེབས་ ཁྱེད་རང་ག་རེ་བྱས་ནས་ངུ་གི་ཡོད། བཀའ་འདྲི་གནང་བར། ངའི་སྟ་རེ་ཆུའི་ནང་ཟགས་སོང་། ཞེས་ཞུས། ལྷ་མོ་དེས་ཆུའི་ནང་ནས་གསེར་གྱི་སྟ་རེ་ཞིག་འཁྱེར་ཡོང་ནས། འདི་ཁྱེད་རང་གི་
སྟ་རེ་རེད་པས། ཞེས་དྲིས་པར། དེ་ངའི་སྟ་རེ་མ་རེད་ཅེས་ཞུས། ཡང་དངུལ་གྱི་སྟ་རེ་ཞིག་འཁྱེར་ ཡོང་ནས་སྐད་ཆ་དྲིས་པར། དེ་ཡང་མ་རེད་ཅེས་ཞུས། ཐ་མ་ལྕགས་ཀྱི་སྟ་རེ་རྙིང་པ་ཞིག་འཁྱེར་ནས་ སྐད་ཆ་དྲིས་སྐབས་དེ་ངའི་རེད། གཞན་གྱི་རྒྱུ་ནོར་ལ་འདོད་རྔམས་མ་བྱས་པར་དྲང་པོ་ཞུས་པ་
ལ་བརྟེན་ནས་ལྷ་མོ་ཐུགས་ཧ་ཅང་ མཉེས་པོ་བྱུང་སྟེ་སྟ་རེ་གསུམ་ག་ཁོ་ལ་གནང་བ་རེད།
སྦྱོང་ཚན།
འོག་གི་དྲི་བ་རྣམས་ལ་ལན་འབྲི་དགོས།
༡ གཙང་ཆུའི་འགྲམ་དུ་སུ་སྡོད་ཀྱི་ཡོད་རེད།
༢ ཤིང་མཁན་དེས་མི་ཚེ་གང་འདྲ་བྱས་ནས་སྐྱེལ་བ་རེད།
༣ ལྷ་མོ་དེས་ཆུའི་ནང་ནས་དང་པོ་ག་རེ་འཁྱེར་ཡོང་བ་རེད།
༤ ལྷ་མོ་དེ་ཐུགས་མཉེས་པོ་བྱུང་དོན་གང་རེད།
༥ སྒྲུང་འདིས་བསླབ་བྱ་གང་བསྟན་པ་རེད།
Подписаться на:
Сообщения (Atom)






