среда, 26 июня 2013 г.

Дровосек и водная богиня ཤིང་མཁན་དང་ཆུའི་ལྷ་མོ།


ཤིང་མཁན་དང་ཆུའི་ལྷ་མོ།
སྔོན་གཙང་ཆུ་ཞིག་གི་འགྲམ་དུ་ཤིང་མཁན་དབུལ་པོ་ཞིག་སྡོད་པ་རེད།  ཁོས་ཉིན་ལྟར་ཤིང་ བཙོང་ནས་མི་ཚེ་སྐྱེལ་བ་རེད།   ཉིན་གཅིག་ཤིང་གཅོད་པའི་སྐབས་ཁོའི་སྟ་རེ་དེ་ཆུའི་ནང་ ཟགས་པ་རེད།  སེམས་སྐྱོ་ཐག་ཆོད་ནས་ངུ་གིན་སྡོད་པའི་སྐབས།  ཆུའི་ལྷ་མོ་ཞིག་དེར་ཕེབས་ ཁྱེད་རང་ག་རེ་བྱས་ནས་ངུ་གི་ཡོད།  བཀའ་འདྲི་གནང་བར།  ངའི་སྟ་རེ་ཆུའི་ནང་ཟགས་སོང་།  ཞེས་ཞུས།  ལྷ་མོ་དེས་ཆུའི་ནང་ནས་གསེར་གྱི་སྟ་རེ་ཞིག་འཁྱེར་ཡོང་ནས།  འདི་ཁྱེད་རང་གི་
སྟ་རེ་རེད་པས།  ཞེས་དྲིས་པར།  དེ་ངའི་སྟ་རེ་མ་རེད་ཅེས་ཞུས།  ཡང་དངུལ་གྱི་སྟ་རེ་ཞིག་འཁྱེར་ ཡོང་ནས་སྐད་ཆ་དྲིས་པར།  དེ་ཡང་མ་རེད་ཅེས་ཞུས།  ཐ་མ་ལྕགས་ཀྱི་སྟ་རེ་རྙིང་པ་ཞིག་འཁྱེར་ནས་ སྐད་ཆ་དྲིས་སྐབས་དེ་ངའི་རེད།  གཞན་གྱི་རྒྱུ་ནོར་ལ་འདོད་རྔམས་མ་བྱས་པར་དྲང་པོ་ཞུས་པ་ ལ་བརྟེན་ནས་ལྷ་མོ་ཐུགས་ཧ་ཅང་ མཉེས་པོ་བྱུང་སྟེ་སྟ་རེ་གསུམ་ག་ཁོ་ལ་གནང་བ་རེད།
སྦྱོང་ཚན། 
འོག་གི་དྲི་བ་རྣམས་ལ་ལན་འབྲི་དགོས།    
  གཙང་ཆུའི་འགྲམ་དུ་སུ་སྡོད་ཀྱི་ཡོད་རེད།
  ཤིང་མཁན་དེས་མི་ཚེ་གང་འདྲ་བྱས་ནས་སྐྱེལ་བ་རེད།
  ལྷ་མོ་དེས་ཆུའི་ནང་ནས་དང་པོ་ག་རེ་འཁྱེར་ཡོང་བ་རེད།
  ལྷ་མོ་དེ་ཐུགས་མཉེས་པོ་བྱུང་དོན་གང་རེད།
  སྒྲུང་འདིས་བསླབ་བྱ་གང་བསྟན་པ་རེད།


Комментариев нет:

Отправить комментарий